您的位置:首页 > 医保新闻 > 通知公告

关于2026年城乡居民基本医疗保险缴费的通知!(藏汉双语)

发布日期:2025-10-31 16:44信息来源:海北税务 责任编辑:ybadmin阅读次数: 字体:【  

城乡居民参保群众:


2026年城乡居民基本医疗保险缴费工作正式启动,为及时享受医保待遇,请仔细阅读以下缴费信息并按时办理:


一、缴费政策

(一)缴费标准


个人缴费:400元  财政补助:700元

缴费标准详见附件1。


(二)缴费及待遇享受

2026年城乡居民参保缴费集中征缴期为2025年10月21日至2026年2月28日。在集中参保缴费期外参保缴费的,除新生儿、当年退出现役的军人,以及由部队保障的随军未就业家属、符合条件的职工医保转为参加城乡居民医保人员、当年新认定的低收入困难群众、刑满释放等退出其他制度保障的人员等特殊群体外,一般参保人员按照规定标准缴费,自缴费之日起设置3个月固定待遇等待期。


2025年10月21日至12月31日缴费的,自2026年1月1日起享受医保待遇。


2026年1月1日至2月28日缴费的,自缴费之日起享受医保待遇。


2026年3月1日至6月30日缴费的,自缴费之日起3个月后享受医保待遇。


2026年7月1日后缴费的,财政补助(700元)和个人缴费(400元)全部由个人负担,并自缴费之日起3个月后享受医保待遇。


为确保能及时享受医保待遇,请参保人员在2025年12月31日前完成参保缴费。


二、缴费渠道

医保缴费有线上渠道和线下渠道两种。


线上渠道:电子税务局App缴费、微信缴费、支付宝缴费、光大云缴费微信小程序、建设银行扫码付缴费、农信银行微信端缴费、农信银行个人网银端缴费、农信手机银行缴费、中国农业银行手机银行缴费、中国银联云闪付、青海医保App缴费。


线下渠道:银行柜台缴费及其他代收渠道(部分地区委托村委会等单位集中代收,具体按照参保所在地区有关规定办理)。


三、注意事项

1.核对个人缴费信息。城乡居民缴纳医疗保险费时,务必仔细核对缴费人身份证件号码、姓名、参保险种、缴费金额等关键信息。


2.身份信息与实际身份不符情形处理。若发现信息系统显示的缴费人身份信息与实际身份信息不符的,应先到参保地医保经办机构修正参保登记信息后再缴费。


3.未参保的城乡居民缴纳医疗保险费。先通过青海医保手机APP或到辖区医保经办机构办理参保登记,再通过税务部门提供的线上、线下渠道缴费。


4.线上渠道提示没有参保缴费信息情形处理。按照附件提供的联系方式联系辖区税务部门或医保部门进行处理,税务部门或医保部门处理期间,请缴费人耐心等待并于3个工作日后再次进行缴费。2025年12月31日、2026年2月28日、6月30日政策切换日期,税务部门或医保部门于当日处理问题,缴费人按照提醒于当天完成缴费。


附件:1.2026年度城乡居民基本医疗保险个人缴费标准

2.2026年城乡居民基本医疗保险费集中征缴期服务电话


国家税务总局海北藏族自治州税务局           

2025年10月28日




附件2:

2026年城乡居民基本医疗保险费集中征缴期服务电话




2026ལོའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་གྲོན་དངུལ་སྤྲོད་པའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་སྦྱོར།


གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་གུན་སྐྱོབ་ནང་ཞུགས་པའི་མང་ཚོགས་ལ།

  2026ལོར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་གྲོན་དངུལ་སྤྲོད་པའི་ལས་དོན་དངོས་སུ་སྤེལ་མགོ་བརྩམས་པ་དང་། སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་དུས་ཐོག་ཏུ་ལོངས་སུ་སྤྱོད་ཆེད། གཤམ་གསལ་གྱི་གྲོན་དངུལ་སྤྲོད་པའི་ཆ་འཕྲིན་ཞིབ་ཚགས་ཀློག་པ་དང་འབྲེལ་དུས་ཐོག་ཏུ་སྒྲུབ་གཉེར་བྱ་རྒྱུ་མཁྱེན།

གཅིག གྲོན་དངུལ་སྤྲོད་པའི་སྲིད་ཇུས།

(གཅིག)དངུལ་སྤྲོད་ཚད་གཞི།

མི་སྒེར་གྱིས་གྲོན་དངུལ་སྒོར400སྤྲོད་པ་དང་།  ནོར་སྲིད་ཁ་གསབ་སྒོར700ཡིན།

གྲོན་དངུལ་སྤྲོད་པའི་ཚད་གཞི་ཟུར་བཀོད1ཏུ་གསལ།

(གཉིས)གྲོན་དངུལ་སྤྲོད་པ་དང་ཐོབ་ཐང་ལོངས་སྤྱོད།

2026ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་གུན་སྐྱོབ་ནང་ཞུགས་པའི་གྲོན་དངུལ་གཅིག་སྡུད་ངང་སྤྲོད་པའི་དུས་ཚོད་ནི2025ལོའི་ཟླ10ཚེས21ཉིན་ནས2026ལོའི་ཟླ2ཚེས28ཉིན་བར་ཡིན། གཅིག་སྡུད་གུན་སྐྱོབ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པའི་དུས་ཚོད་ལས་གཞན་གུན་སྐྱོབ་ནང་ཞུགས་ནས་གྲོན་དངུལ་སྤྲོད་ཆོག་པ་ཕྲུ་གུ་གསར་སྐྱེས་དང་ལོ་དེར་དངོས་ཞབས་ནས་འགན་འཁྱུར་བྱས་པའི་དམག་མི། དམག་དཔུང་གིས་འགན་ལེན་བྱས་པའི་དམག་མིའི་ནང་མི། ཆ་རྐྱེན་འཛོམས་པའི་ལས་བཟོ་པའི་སྨན་བཅོས་གུན་སྐྱོབ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་གུན་སྐྱོབ་ཏུ་བསྒྱུར་བ། ལོ་དེར་གཏན་འཁེལ་བྱས་པའི་ཡོང་འབབ་དམའ་བའི་མང་ཚོགས། ཁྲིམས་ཁུར་དུས་ཚད་ལོན་ནས་བཏང་བ་སོགས་ལམ་ལུགས་ཀྱི་འགན་སྲུང་གཞན་ལས་ཕྱིར་འཐེན་བྱས་པའི་མི་སྣ་སོགས་དམིགས་བསལ་ཀྱི་རིགས་ཚོགས་ཕུད། སྤྱིར་བཏང་གུན་སྐྱོབ་ནང་ཞུགས་པའི་མི་སྣས་གཏན་འབེབས་ཀྱི་ཚད་གཞི་ལྟར་གྲོན་དངུལ་སྤྲོད་དགོས་པ་དང་། གྲོན་དངུལ་སྤྲད་པའི་ཉིན་ནས་བཟུང་ཟླ་བ་གསུམ་རིང་གཏན་འཇགས་ཀྱི་ཐོབ་ཐང་སྒུག་པའི་དུས་ཡུན་དུ་བཀོད་སྒྲིག་བྱེད་ཀྱི་ཡོད།    

2025ལོའི་ཟླ10ཚེས21ཉིན་ནས་ཟླ12ཚེས31ཉིན་བར་གྲོན་དངུལ་སྤྲད་རིགས2026ལོའི་ཟླ1ཚེས1ཉིན་ནས་བཟུང་སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

2026ལོའི་ཟླ1ཚེས1ཉིན་ནས་ཟླ2ཚེས28ཉིན་བར་གྲོན་དངུལ་སྤྲད་རིགས་ཀྱིས་གྲོན་དངུལ་སྤྲད་པའི་ཉིན་ནས་བཟུང་སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

2026ལོའི་ཟླ3ཚེས1ཉིན་ནས་ཟླ6ཚེས30ཉིན་བར་གྲོན་དངུལ་སྤྲད་རིགས་ཀྱིས་གྲོན་དངུལ་སྤྲད་ཉིན་ནས་བཟུང་ཟླ3གྱི་རྗེས་སུ་སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

2026ལོའི་ཟླ7ཚེས1ཉིན་གྱི་རྗེས་སུ་གྲོན་དངུལ་སྤྲད་རིགས་ལ་ནོར་སྲིད་ཀྱི་ཁ་གསབ(སྒོར700)དང་མི་སྒེར་གྱིས་གྲོན་དངུལ(སྒོར་400)ཚང་མ་མི་སྒེར་གྱིས་འཁུར་དགོས་པ་མ་ཟད། གྲོན་དངུལ་སྤྲད་ཉིན་ནས་བཟུང་ཟླ3གྱི་རྗེས་སུ་སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་དུས་ཐོག་ཏུ་ལོངས་སྤྱོད་ཐུབ་པ་བྱ་ཆེད། གུན་སྐྱོབ་ནང་ཞུགས་མཁན་གྱིས2025ལོའི་ཟླ12ཚེས31ཉིན་གྱི་སྔོན་ལ་གུན་སྐྱོབ་ནང་ཞུགས་ནས་གྲོན་དངུལ་སྤྲོད་རྒྱུ་མཁྱེན།

གཉིས། དངུལ་སྤྲོད་ཐབས་ལམ།

སྨན་བཅོས་གུན་སྐྱོབ་ཀྱི་གྲོན་དངུལ་དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ཐབས་ལམ་ནས་སྤྲོད་ཆོག

དྲ་ཐོག་གི་ཐབས་ལམ། གློག་རྡུལ་ཁྲལ་དོན་ཅུའིAppལས་གྲོན་དངུལ་སྤྲོད་པ་དང་སྐད་འཕྲིན་ལས་གྲོན་དངུལ་སྤྲོད་པ། དངུལ་སྤྲོད་འབོ་ལས་གྲོན་དངུལ་སྤྲོད་པ། ཀོང་ཏ་སྤྲིན་གྲོན་དངུལ་སྤྲོད་པའི་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་ལས་གྲོན་དངུལ་སྤྲོད་པ། འཛུགས་སྐྲུན་དངུལ་ཁང་གིས་ཨང་རྟགས་བཤེར་ནས་གྲོན་དངུལ་སྤྲོད་པ། ཞིང་རྟོན་དངུལ་ཁང་གི་སྐད་འཕྲིན་དུད་སྣེ་ལས་གྲོན་དངུལ་སྤྲོད་པ། ཞིང་རྟོན་དངུལ་ཁང་གི་མི་སྒེར་གྱི་དྲ་སྦྲེལ་དངུལ་ཁང་གིས་གྲོན་དངུལ་སྤྲོད་པ། ཞིང་རྟོན་ཁ་པར་དངུལ་ཁང་ལས་གྲོན་དངུལ་སྤྲོད་པ། ཀྲུང་གོ་ཞིང་ལས་དངུལ་ཁང་ལག་ཐོགས་ཁ་པར་དངུལ་ཁང་ལས་གྲོན་དངུལ་སྤྲོད་པ། ཀྲུང་གོ་དངུལ་ཁང་མཉམ་འབྲེལ་སྤྲིན་རྩིས་མྱུར་སྤྲོད་ལས་གྲོན་དངུལ་སྤྲོད་པ། མཚོ་སྔོན་སྨན་སྐྱོབAppལས་གྲོན་དངུལ་སྤྲོད་པ།

དྲ་ཕྱིའི་ཐབས་ལམ། དངུལ་ཁང་གི་ལས་སྟེགས་ནས་གྲོན་དངུལ་སྤྲོད་པ་དང་། ཚབ་སྤྲོད་ཐབས་ལམ་གཞན་དག(ས་ཁུལ་ཁག་གཅིག་གིས་སྡེ་དམངས་ཨུ་ལྷན་སོགས་ཚན་པར་གཅིག་སྡུད་ཚབ་ལེན་བྱ་རྒྱུར་མངགས་བཅོལ་བྱེད་པ་དང་། གུན་སྐྱོབ་ནང་ཞུགས་སའི་ས་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྤྲོད་རྒྱུ།)

གསུམ། མཉམ་འཇོག་བྱ་ཡུལ།

1.མི་སྒེར་གྱི་དངུལ་སྤྲོད་ཆ་འཕྲིན་ཞིབ་བསྡུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་སྨན་བཅོས་གུན་སྐྱོབ་གྲོན་དངུལ་སྤྲོད་སྐབས་ངེས་པར་དུ་དངུལ་སྤྲོད་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་རུས་མིང་། གུན་སྐྱོབ་ཀྱི་རིགས། གྲོན་དངུལ་སྤྲོད་པའི་དངུལ་གྲངས་སོགས་འགག་རྩའི་ཆ་འཕྲིན་ལ་ཞིབ་བསྡུར་ཞིབ་ཕྲ་བྱེད་དགོས།

2.ཐོབ་ཐང་ཆ་འཕྲིན་དང་ཐོབ་ཐང་དངོས་མི་མཐུན་པའི་གནས་ཚུལ་ཐག་གཅོད་བྱེད་པ། གལ་ཏེ་ཆ་འཕྲིན་མ་ལག་ལས་མངོན་པའི་གྲོན་དངུལ་སྤྲོད་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་དངོས་ཡོད་ཐོབ་ཐང་ཆ་འཕྲིན་མི་མཐུན་པ་ཤེས་ཚེ། སྔོན་ལ་གུན་སྐྱོབ་ནང་ཞུགས་ཡུལ་གྱི་སྨན་བཅོས་གུན་སྐྱོབ་གཉེར་སྒྲུབ་སྒྲིག་གཞིར་བསྐྱོད་དེ་གུན་སྐྱོབ་ནང་ཞུགས་པའི་ཐོ་འགོད་ཆ་འཕྲིན་བཟོ་བཅོས་བྱས་རྗེས་གཞི་ནས་གྲོན་དངུལ་སྤྲོད་དགོས།

3.གུན་སྐྱོབ་ནང་ཞུགས་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་སྨན་བཅོས་གུན་སྐྱོབ་གྲོན་དངུལ་སྤྲོད་པ། སྔོན་ལ་མཚོ་སྔོན་གྱི་སྨན་བཅོས་གུན་སྐྱོབ་ལག་ཐོགས་ཁ་པརAPPའམ་ཡང་ན་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་གུན་སྐྱོབ་གཉེར་སྒྲུབ་སྒྲིག་གཞིར་བསྐྱོད་དེ་གུན་སྐྱོབ་ནང་ཞུགས་པའི་ཐོ་འགོད་གཉེར་བ་དང་། དེ་རྗེས་ཁྲལ་དོན་སྡེ་ཁག་གིས་མཁོ་འདོན་བྱས་པའི་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་བརྒྱུད་གྲོན་དངུལ་སྤྲོད་དགོས།

4.དྲ་ཐོག་གི་ཐབས་ལམ་དུ་གུན་སྐྱོབ་ནང་ཞུགས་ནས་གྲོན་དངུལ་སྤྲད་པའི་ཆ་འཕྲིན་མེད་པའི་གནས་ཚུལ་ཐག་གཅོད་བྱེད་པ། ཟུར་བཀོད་ནང་མཁོ་འདོན་བྱས་པའི་འབྲེལ་གཏུག་བྱེད་སྟངས་གཞིར་བཟུང་ཁོངས་གཏོགས་ཁུལ་གྱི་ཁྲལ་དོན་སྡེ་ཁག་གམ་ཡང་ན་སྨན་བཅོས་གུན་སྐྱོབ་སྡེ་ཁག་དང་འབྲེལ་གཏུག་བྱས་ནས་ཐག་གཅོད་བྱེད་པ་དང་། ཁྲལ་དོན་སྡེ་ཁག་གམ་ཡང་ན་སྨན་བཅོས་གུན་སྐྱོབ་སྡེ་ཁག་གིས་ཐག་གཅོད་བྱེད་རིང་། གྲོན་དངུལ་སྤྲོད་མཁན་གྱིས་ངང་རྒྱུད་རིང་པོས་སྒུག་དགོས་པ་མ་ཟད་ལས་ཀའི་ཉིན3གྱི་རྗེས་སུ་སླར་ཡང་གྲོན་དངུལ་སྤྲོད་དགོས། 2025ལོའི་ཟླ12ཚེས31ཉིན་དང་། 2026ལོའི་ཟླ2ཚེས28ཉིན། ཟླ6ཚེས30ཉིན་བཅས་ཀྱི་སྲིད་ཇུས་བརྗེ་བའི་དུས་ཚོད་དེ། ཁྲལ་དོན་སྡེ་ཁག་གམ་ཡང་ན་སྨན་བཅོས་གུན་སྐྱོབ་སྡེ་ཁག་གིས་དེ་ཉིན་གནད་དོན་ཐག་གཅོད་བྱེད་དགོས་ལ། གྲོན་དངུལ་སྤྲོད་མཁན་གྱིས་དྲན་སྐུལ་ལྟར་དེ་ཉིན་གྲོན་དངུལ་སྤྲོད་རྒྱུ་ལེགས་གྲུབ་བྱ་དགོས།

ཟུར་བཀོད།   1.2026ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི།

        2.མཚོ་བྱང་ཁུལ་ཁྲལ་དོན་སྡེ་ཁག་དང་སྨན་བཅོས་འགན་སྲུང་སྡེ་ཁག་གི2026ལོའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་གྲོན་དངུལ་བསྡུ་བའི་གཅིག་སྡུད་དུས་ཀྱི་ཞབས་ཞུའི་ཁ་པར་ཨང་གྲངས།



རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུས།

                     2025ལོའི་ཟླ10ཚེས28ཉིན།